༄༅། །ཛཾ་བྷ་ལའི་སྒྲུབ་ཐབས་ནི།།黄财神修法简轨

发表于 讨论求助 2018-04-25 03:55:50

点击上面蓝色字“索南扎西活佛”关注
༄༅། །ཛཾ་བྷ་ལའི་སྒྲུབ་ཐབས་ནི།

།黄财神修法简轨


༄༅།།ཛཾ་བྷ་ལའི་སྒྲུབ་ཐབས་ནི།།
黄财神修法简轨
皈依发心:

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།།
佛法僧之诸圣众   直至菩提我皈依
བདག་གི་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །
我以施等诸福善   利益众生愿成佛
ལན་གསུམ།
(念三遍)

修法正行,念诵并所念诵内容观想:
རང་ཉིད་སྐད་ཅིག་དཔལ་ལྡན་ཛཾ་བྷ་ལ། །གསེར་མདོག་དར་དང་རིན་ཆེན་རྒྱན་གྱིས་མཛེས།།
自顿具德藏巴拉,金色绸宝配饰严,
ཕྱག་གཡས་ཤིང་ཐོག་བི་ཛ་པཱུ་ར་ཀ །གཡོན་པས་རིན་ཆེན་གཏེར་གྱི་ནེའུ་ལེ་འཛིན།།
右果奔匝布绕嘎,左持猫鼬大宝藏,
ཕྱེད་སྐྱིལ་པདྨ་ཟླ་བའི་གདན་ལ་བཞུགས། །ཐུགས་ཀར་ཟླ་སྟེང་ཛཾ་ལ་སྔགས་ཀྱིས་བསྐོར།།
半趺端坐莲月垫,心间月上藏咒绕。

黄财神长咒:
ན་མོ་རཏྣ་ཏྲ་ཡཱ་ཡ།ན་མོ་མ་ཎི་བྷ་དྲཱ་ཡ།མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ།ཨོཾ་ཛཾ་བྷ་ལ་ཛ་ལེན་དྲཱ་ཡ་སྭཱ་ཧཱ།
南无热那乍雅雅南无玛呢巴乍雅,玛哈腰恰,赛那巴搭耶。嗡、藏母巴拉,咂莲喳耶梭哈。

黄财神心咒:
ཨོཾ་ཛཾ་བྷ་ལ་ཛ་ལེན་དྲཱ་ཡ་སྭཱ་ཧཱ།
嗡,藏母巴拉  咂莲喳耶  梭哈。

མཆོད་པ།
供养:

ཨོཾ་བཛྲ་ཨརྒྷ་པདྱཾ་པུཥྤེ་དྷུཔེཨཱ་ལོ་ཀེ་གནྡྷ་ནེ་ཝི་དྱ་ཤབྟ་པྲ་ཏཱིཙྪ་སྭཱ་ཧཱཿརཱུ་པ་ཤབྟ་གྷནྡེ་ར་ས་སྤརྴེ་ཝསྟྲ་པཱུ་ཛ་ཧོཿ
嗡班匝阿刚巴当布贝德贝阿罗给甘喋内屋爹夏搭扎的匝耶梭哈日巴夏搭甘爹热萨巴了谢微扎奔匝霍

བསྟོད་པ་ནི།
赞叹为:

ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། །གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ།།
财宝自在具有珍宝藏  众多药叉财神众中尊
བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ། །དངོས་གྲུབ་མཆོག་སྩོལ་མཛད་ལ་ཕྱག་འཚལ་ལོ།།
守护北方怙主瞻巴拉  垂赐最胜成就前顶礼  
གསོལ་བ་གདབ་པ་ནི།
祈祷为:

སེར་སྣའི་ལས་ཀྱི་མེ་ཡིས་གདུངས་པ་རྣམས། །སྐྱེ་དང་སྐྱེ་བར་ཁྱེད་ལ་སྐྱབས་སུ་མཆི།།
吝啬业火折磨众    生生世世皈依您
རིན་ཆེན་བདུད་རྩིའི་གཏེར་གྱི་ཆར་རྒྱུན་གྱིས། །སེམས་ཅན་དབུལ་བའི་སྡུག་བསྔལ་ཞི་བར་མཛོད།།
以大宝藏甘露雨    祈熄众生贫困苦

རྗེས་མི་དམིགས་པར་བསམ་པ་ནི།
后观无缘:

བདག་ཉིད་ཐུགས་ཀའི་ཛཾ་ལ་ཐིམ། །དེ་ཡང་མི་དམིགས་སྟོང་པའི་ངང་།།
融入自心臧,无缘空性中,
མ་བཅོས་དབྱེར་མེད་ཆེན་པོར་བཞག །སླར་ཡང་སྒྱུ་མའི་སྐུ་རུ་ལྡང་།།
无变无二住,复起幻化身。
དགེ་བསྔོ་ཤིས་བརྗོད།
回向吉祥语为:

དགེ་བ་འདི་ཡིས་མྱུར་དུ་བདག །ནོར་གྱི་བདག་པོ་འགྲུབ་གྱུར་ནས།།
我以此善而,成就财富主,
འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །
众生无一余,愿安置彼处。
འབད་དང་རྩོལ་བས་མ་གོས་ཤིང་། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་།།
无勤做所污,如意宝及树,
སེམས་ཅན་རེ་བ་སྐོང་མཛད་པ།།བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག།
满众生所愿,愿吉祥欲成!
གང་ཐོས་ནས་ཚེ་རབས་ཐམས་ཅད་དུ་དབུལ་བ་དང་རྒུད་པའི་སྐལ་བ་རྒྱུན་ཆད་དེ་དཔལ་དང་སྐལ་བ་བཟང་པོ་ཕུན་སུམ་ཚོགས་པར་བྱེད་པ།མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་སྦྱིན་ཅིང་། མཆོག་ཐམས་ཅད་འདོད་པ་བཞིན་དུ་སྩོལ་བའི་གསང་སྔགས་ཁྱད་པར་ཅན་སྔགས་ཀྱི་མགོན་པོ་དང་བཅས་པ་ཅི་ནུས་བཟླ་ཞིང་། སྙིང་པོ་འབྲུ་བཅུ་པ་ཉིད་གཙོ་བོར་བཟླའོ།། ཐུན་མཚམས་མཎྚལ་སོགས་ཀྱིས་མཆོད་ཅིང་བསྟོད་ལ་གསོལ་བ་གདབ།རྗེས་མི་དམིགས་པར་བསམས་ནས་དགེ་བསྔོ་ཤིས་བརྗོད་བྱའོ།། ཞེས་པའང་མི་ཕམ་པས་སོ།།
谁闻此法,所有生世断除穷困和衰败之缘,能圆满功德和福报,究竟赐予佛陀果位。对于一切胜妙如愿赐予之密咒——具极殊胜之长咒,当尽力念诵。主要则持诵十字心咒。于座间,当以曼扎等供养,并赞诵、祈祷。结座于无缘中回向善根,赞美、作吉祥。



发表